བྲག་རི་རིན་པོ་ཆེའི་དོན་རྐྱེན་ལ་ཞིབ་དཔྱོད་དགོས་པའི་འབུལ་སྐུལ།

བྲག་རི་རིན་པོ་ཆེའི་དོན་རྐྱེན་ལ་ཞིབ་དཔྱོད་དགོས་པའི་འབུལ་སྐུལ།

Started
June 20, 2019
Petition to
Those who care about Buddhadharma
Signatures: 4,055Next Goal: 5,000
Support now

Why this petition matters

Started by TARA-SOS

མཆན། གཤམ་གྱི་ཞུ་ཡིག་འདི་བཞིན་བསླབ་པ་རྒན་གྲས་ཀྱི་བཙུན་མ་ཁག་གཅིག་ནས་ཀོ་པན་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ལ་ཕྱི་ཟླ་༥་ཕྱི་ཚེས་༡༥་ཉིན་ཐོག་མར་ཕུལ། བོད་ཀྱི་བླ་མ་འདིས་བུད་མེད་ཚོར་ཆགས་སྲེད་ཀྱི་ཚུལ་མིན་བྱ་སྤྱོད་བྱས་ཚུལ་གྱི་བསྙོན་འཛུགས་འདིར་སྙིང་རྗེ་དང་དྲང་བདེན་གྱི་སྒོ་ནས་འོས་འཚམས་ཀྱི་ཐག་གཅོད་དགོས་པར་ཡིད་ཆེས་བྱེད་མཁན་སུས་ཀྱང་ཞུ་ཡིག་འདིར་མཚན་རྟགས་འགོད་ན་འགྲིག་གི་ཡོད། གལ་ཏེ་དགོངས་ཚུལ་ཁ་སྣོན་གནང་འདོད་ཡོད་ཚེ། ཁྱེད་ཀྱིས་སྨྲ་བརྗོད་རང་དབང་གི་ལམ་ལུགས་བཞིན་དགོད་རོགས་ཞུ། ཐུགས་རྗེ་ཆེ།  

ཁྱེད་ཀྱིས་མཚན་རྟགས་བཀོད་པའི་རྗེས། change.org ནས་ཁྱེད་ཀྱི་གློག་འཕྲིན་ནང་དུ་བཏང་བའི་དྲྭ་ཐག་ལ་བསྣུན་ཏེ་སྙན་ཞུའི་ཐོག་ཁྱེད་ཀྱིས་མཚན་རྟགས་དགོད་ཀྱི་ཡོད་པ་བདེན་པ་ར་སྤྲོད་བྱེད་དགོས། འདི་ནི་ཁྱེད་རང་ལ་འདོད་མོས་མེད་བཞིན་དུ་མི་གཞན་གྱིས་ཁྱེད་ཀྱི་མཚན་བཀོལ་སྤྱོད་བྱེད་པ་ལས་འགོག་ཐབས་ཤིག་ཡིན། ཁྱེད་ཀྱིས་མཚན་རྟགས་དགོད་པའི་སྐབས་སུ། ཁྱེད་རང་གི་མིང་གསང་རྒྱ་བྱས་ཆོག་ལ། ཡང་སྙན་ཞུ་འདིར་རྒྱབ་སྐྱོར་ཅིའི་ཕྱིར་བྱས་མིན་གྱི་རྒྱུ་མཚན་མཆན་བཀོད་ཀྱང་བྱས་ཆོག

མཛའ་བརྩེ་དང་ལྡན་པའི་ཆོས་གྲོགས་རྣམ་པ་ཚོར་ཞུ་རྒྱུར།
ང་ཚོ་ནི་བསླབ་པ་རྒན་གྲས་ཀྱི་བཙུན་མ་ཁག་གཅིག་ཡིན་ཞིང་། ཉེ་བའི་ཆར་ལོ་མང་ཀོ་པན་ཆོས་ཚོགས་དང་ཆོས་ཚོགས་གཞན་ཁག་ཏུ་ཆོས་བཤད་གནང་མཁན་གྱི་བྲག་རི་རིན་པོ་ཆེས་ཆགས་སྲེད་དང་འབྲེལ་བའི་ཚུལ་མིན་བྱ་སྤྱོད་བྱས་ཚུལ་གྱི་བསྙོན་འཛུགས་དེར་ང་ཚོས་སེམས་འཚབ་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད།  རྒྱ་གར་གྱི་བེུད་གཅིག་གིས་ཕྱི་ཟླ་༥པའི་ཕྱི་ཚེས་༣ཉིན་དི་ལི་ནས་ཀང་ར་བར་གྱི་གནམ་གྲུའི་ནང་དུ་ཁོ་མོར་ཚུལ་མིན་གང་བྱུང་འཇུ་རེག་བྱས་ཚུལ་སྙན་གསེང་ཁུངས་བསྐྱེལ་ཉེན་རྟོག་པར་ཞུས་འབྲས་སུ་རིན་པོ་ཆེ་ཁོང་འཛིན་བཟུང་བྱས་པ་རེད།

ཡང་། ཇ་ཀེའི་ར་ པེ་རི་ཛ། ཝལ་དི་ཝི་ཡ། (Jakaira Perez Valdivia) ཞེས་པའི་བུད་མེད་གཞན་ཞིག་གིས་ཡུ་ཊོབ་(youtube) ནང་དུ་ལོ་བཅུའི་སྔོན་ལ་དྷ་རམ་ས་ལར་ཁོ་མོ་བཙུན་མ་ཡིན་སྐབས་བྲག་རི་རིན་པོ་ཆེས་ཚུལ་མིན་གང་བྱུང་གིས་འཇུ་རེག་བྱས་ཚུལ་བརྙན་འཇུག་བྱས་ཡོད། ཝལ་དི་ཝི་ཡ་(Valdivia)ལགས་ཀྱིས་གནོད་འཚེ་ཕོག་མཁན་གཞན་དག་ཀྱང་ཡོད་ལ། འགའ་ཤས་ད་དུང་ཡང་ཁུ་སིམ་པོར་བསྡད་ཡོད་ཅེས་ནན་བརྗོད་བྱས་ཡོད། ཉེ་ཆེར་ཀོ་རི་ཡའི་བུད་མེད་གཅིག་གིས་ཀྱང་བྲག་རི་རིན་པོ་ཆེའི་ངོ་དེབ་ཐོག་ཏུ་དྷ་རམ་ས་ལར་ཁོ་མོར་ཚུལ་མིན་གང་བྱུང་འཇུ་རེག་བྱས་ཚུལ་བཀོད་ཡོད། བྲག་རི་རིན་པོ་ཆེས་ཚུལ་མིན་གང་བྱུང་གིས་འཇུ་རེག་བྱས་ཚུལ་སྙན་གསེང་ཞུ་མཁན་གྱི་ནུབ་ཕྱོགས་པའི་བཙུན་མ་གཞན་རྣམས་ང་ཚོ་ཁ་ཤས་ཀྱིས་སྒེར་ངོས་ནས་ངོ་ཤེས་ཀྱི་ཡོད།

གནས་ཚུལ་འདི་དག་འདས་པའི་བདུན་ཕྲག་མང་པོའི་ནང་འཛམ་གླིང་ཡུལ་གྲུ་མང་པོའི་དྲྭ་ཐོག་དང་། གསར་འགྱུར། དེ་བཞིན་སྤྱི་ཚོགས་དྲྭ་བའི་ཐོག་རྒྱ་ཁྱབ་ཏུ་ཕྱིན་ཡོད། སྤྱིར་དགེ་བའི་བཤེས་གཉེན་རྣམ་པ་དང་། བྱེ་བྲག་ཏུ་ནང་པའི་ཆོས་གོས་བཞེས་མཁན་གྱི་དགེ་བའི་བཤེས་གཉེན་རྣམ་པ་ཚོས་བྱས་པའི་ཚུལ་མིན་ཆགས་སྲེད་ཀྱི་བྱ་སྤྱོད་དེས་འབྲེལ་ཡོད་རྣམས་ལ་རྒྱུན་རིང་དྲག་སྐྱེད་དཀའ་བའི་སེམས་གཅོང་ཆེན་པོ་བཟོ་སྲིད་པ་མ་ཟད། མཇུག་འབྲས་ངན་པ་གཞན་ཡང་ཡོད། མ་ཟད་ནང་པའི་ཚོགས་སྡེ་ཁག་གིས་གནོད་འཚེ་ཕོག་མཁན་ལས་གནོད་འཚེ་བྱེད་མཁན་ལ་སྲུང་སྐྱོབ་བྱེད་པ་དང་། དེ་བཞིན་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་རམ་སྲུང་སྐྱོབ་བྱེད་མ་ཐུབ་པའི་སྣང་ཚུལ་བྱུང་བའི་སྐབས་འདིར། ཚུལ་མིན་བྱ་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་གྱི་གང་ཟག་ལ་གནོད་པ་ཙམ་མ་ཡིན་པར། ནང་བསྟན་སྤྱི་ལ་ཡིད་ཆེས་བརླགས་པ་དང་། ཚབས་ཆེན་རང་བཞིན་གྱི་དོ་ཕོག་འཕར་མ་གཞན་ཡང་ཡོད། བསྙོན་འཛུགས་འདི་དག་ལྟ་བུས་ནང་བསྟན་སྤྱིའི་སྣང་བརྙན་ལ་གནོད་འཚབ་ཆེ་བའི་མཇུག་འབྲས་ཡོད་ལ། དེ་བཞིན་མི་དམངས་རྣམས་ནང་བསྟན་དང་ནང་པའི་དགེ་བའི་བཤེས་གཉེན་སྤྱི་ལ་གུས་བཀུར་བརླག་པའི་རྒྱུ་ཡང་བྱེད་སྲིད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ཉེ་བའི་ཆར་གྱི་ཚུལ་མིན་ཆགས་སྲེད་ཀྱི་བྱ་སྤྱོད་འདི་དག་ནི་སེམས་འཚབ་ཆེན་པོ་བྱེད་དགོས་པའི་རྒྱུ་རྐྱེན་ཞིག་ཡིན།

དེར་བརྟེན། ང་ཚོས་ཀོ་པན་ཆོས་ཚོགས་སུ་བསྙོན་འཛུགས་འདི་དག་ལ་རང་དབང་ཅན་གྱི་ཞིབ་དཔྱོད་ཚོགས་ཆུང་ཟུར་བཙུགས་བསྐོ་བཞག་དགོས་པ་དང་། དེ་བཞིན་ཞིབ་དཔྱོད་དེའི་སྙན་ཐོ་ཡང་ཡོངས་གྲགས་བཟོ་རྒྱུར་སྐུལ་འདེད་ཞུ་རྒྱུ་ཡིན། ཞིབ་དཔྱོད་འདི་བཞིན་ལག་བསྟར་འདི་ལྟར་བྱེད་དགོས་ཏེ། ཞུ་སྦྱོར་བ་དང་། དཔང་མི་རྣམས་མདུན་དུ་ཐོན་ནས་བཤད་པའི་རང་ཉིད་ཀྱི་གནས་ཚུལ་རྣམས་ཕྱི་གྱར་མེད་པ་དང་། གལ་ཏེ་དོ་དག་རང་ཉིད་ངོ་སྤྲོད་བྱེད་འདོད་མེད་ཀྱང་ཆོག་པ་བཅས་དོ་དག་རང་ཉིད་ལ་བདེ་འཇགས་ཀྱི་ཚོར་སྣང་ཡོང་བ་བྱེད་དགོས་ཤིང་། ཁོང་ཚོའི་གནས་ཚུལ་རྣམས་གུ་ཡངས་དང་། ཕྱོགས་ལྷུང་མེད་པ། ཚོར་ཤུགས་ལྡན་པའི་ཐོག་ནས་གསན་འཇོག་བྱེད་དགོས། མ་ཟད་ཝལ་དི་ཝི་ཡས་(Valdivia) མྱངས་པ་ལྟར། ཁོང་ཚོར་ཟུར་ཕུད་དང་། དགག་པ། ཁག་དཀྲི་བཅས་མི་ཡོང་བའི་འགན་ལེན་དགོས།

སྙོན་འཛུགས་འདི་དག་ལས་གཉིས་ལ་ནག་ཉེས་མེད་ཚུལ་གྱི་ཡི་གེ་ཞིག་བྲག་རི་རིན་པོ་ཆེས་བཀྲམས་པ་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་སྙོན་འཛུགས་བྱེད་མཁན་ཡང་ནས་བསྐྱར་དུ་བྱུང་སྟབས། བདེན་པ་དག་གསལ་བྱུང་ནས་དགེ་བའི་བཤེས་གཉེན་དོ་དག་རང་ཉིད་ལ་ཡིད་ཆེས་བསྐྱར་གསོ་མ་བྱུང་ན་ཡང་། ཉུང་མཐར་ནང་པའི་ཚོགས་སྡེ་ཁག་དང་། དམ་པའི་ཆོས་ཀྱི་ཆེ་བའི་རང་བཞིན་ལ་ཡིད་ཆེས་བསྐྱར་གསོ་ཐུབ་པའི་ཆེད་དུ། དོན་དངོས་ཀྱི་གནས་ཚུལ་ངོ་མ་གང་ཡིན་དག་ཐེར་བྱ་རྒྱུའི་ཐབས་ལམ་ཉག་གཅིག་ནི་སྐྱོན་བརྗོད་འདི་དག་ལ་ཕྱོགས་ལྷུང་མེད་ཅིང་། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཞིབ་དཔྱོད་བྱ་རྒྱུ་དེ་ཡིན། བུད་མེད་ལ་བཙན་ཤེད་བྱས་པ་རང་དབང་ཅན་གྱི་ཞིབ་དཔྱོད་གིས་གཏན་འཁེལ་མ་བྱས་ཚེ། ནག་ཉེས་ཅན་གྱི་ཉེས་པའི་འགན་འཁྲི་བརྩད་གཅོད་དང་། དེ་བཞིན་མུ་མཐུད་གཞན་ལ་གནོད་འཚེ་བྱ་རྒྱུར་སྔོན་འགོག་བྱེད་པའི་ཐག་ཆོད་རང་བཞིན་གྱི་ཐབས་ལམ་ལག་བསྟར་བྱ་རྒྱུ་ཤིན་ཏུ་དཀའ། རང་དབང་ཅན་གྱི་ཞིབ་དཔྱོད་བྱ་རྒྱུ་དེས་བྱ་སྤྱོད་འདི་རིགས་ལ་བཟོད་སྲན་མི་བྱེད་པ་དང་། ནག་ཉེས་ཅན་ཚོར་མཇུག་འབྲས་ངེས་པར་ཡོང་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་དུས་མཉམ་དུ་སྤྲོད་ཀྱི་ཡོད། འདི་ནི་སློབ་མ་ཚོའི་ཡིད་ཆེས་བསླར་གསོ་ཐུབ་པའི་ཁོར་ཡུག་ཞིག་ཡོང་བ་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ།

ཀོ་པན་ཆོས་ཚོགས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་འཛམ་གླིང་ཡོངས་ལ་དམ་པའི་ཆོས་ཀྱི་བསླབ་པ་སློབ་གཉེར་གྱི་སློབ་སྦྱོང་མི་དམངས་སྟོང་ཕྲག་མང་པོར་སྤྲད་པའི་ཕྱག་ལས་ངོ་མཚར་ཆེ་བ་གནང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་ནས་དེ་ལྟར་གནང་རྒྱུ་ཡིན་པར་བཅོས་མིན་གྱི་རེ་བ་ཡོད། འོན་ཀྱང་ཕྱག་ལས་འདི་ནི་འགྲོ་བ་ཡོངས་ལ་འཚེ་བ་མེད་པ་དང་། སྙིང་རྗེ། ནང་པ་སངས་རྒྱས་པའི་བཟང་སྤྱོད་གཞིར་བཟུང་ནས་གནང་དགོས་སོ།།

ཁྱེད་ཀྱིས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།

༡༽རྗེ་བཙུན་མ་བསྟན་འཛིན་དཔལ་མོ།
རྒྱ་གར་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། ཕྱག་འདེབས་པ་པོ།

༢༽དགེ་སློང་མ་ཀརྨ་ལེགས་བཤད་མཚོ་མོ། འབུམ་རམས་པ།
ཨ་རི་སན་ཌི་གོ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ། ཤཱཀྱ་དྷཱི་ཏཱ་རྒྱལ་སྤྱིའི་ནང་པའི་བུད་མེད་ལྷན་ཚོགས། དབུ་བརྙེས་མཁན།

༣༽དགེ་སློང་མ་བྱམས་པ་ཚེ་སྒྲོན། འབུམ་རམས་པ།
འཇར་མན་ཧེམ་བྷག་མཐོ་སློབ།

༤༽དགེ་སློང་མ་ཐུབ་བསྟན་ཆོས་སྒྲོན།
ཨ་རི་དབྱངས་ཅན་བཙུན་དགོན་གྱི་མཁན་མོ།

༥༽དགེ་སློང་མ་སངས་རྒྱས་མཁའ་འགྲོ།
ཨ་རི་ཀོ་པན་ཆོས་ཚོགས་ཀྱི་སློབ་དཔོན།

༦༽དགེ་སློང་མ་བསྟན་འཛིན་ཚེ་དཔལ།
ཨ་རི་ཀོ་པན་ཆོས་ཚོགས་ཀྱི་སློབ་དཔོན།

༧༽དགེ་བཤེས་མ་སྐལ་བཟང་དབང་མོ།
རྒྱ་གར་དྷ་ས་རིགས་ལམ་སློབ་གཉེར་ཁང་།

༨༽བཙུན་མ་ལྷུན་གྲུབ་དམ་ཆོས། (ཌེཡི་ན། ཧྥིན་ནི་གན།) འབུམ་རམས་པ།
དྷརྨ་དཏྟ་བཙུན་མོའི་ཚོགས་པ།

༩༽བཙུན་མ་བསྟན་འཛིན་མཆོག་སྐྱིད།
ཨ་རི་ཀོ་པན་ཆོས་ཚོགས་ཀྱི་སློབ་དཔོན།

༡༠༽དགེ་ཚུལ་མ་ཁར་ལ་ཚུལ་ཁྲིམས་དཔལ་མོ་ཧྥི་རི་སི་རོ།
ཨི་ཊ་ལི།

༡༡༽དགེ་ཚུལ་མ་ལུ་སི་ཡ། བསྟན་འཛིན་ཆོས་མཚོ།? བྷ་ནི།
ཨི་ཊ་ལི།

༡༢༽བཙུན་མ་བསྟན་འཛིན་ནོར་སྒྲོན།
ཨ་རི།

༡༣༽བཙུན་མ་བསྟན་འཛིན་དབྱངས་ཅན།
རྒྱ་གར།

༡༤༽བཙུན་མ་ངག་དབང་སྒྲོལ་དཀར།
ཨོ་ས་ཀྲུ་ལི་ཡ།

 

Support now
Signatures: 4,055Next Goal: 5,000
Support now
Share this petition in person or use the QR code for your own material.Download QR Code

Decision Makers

  • Those who care about Buddhadharma